ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༠

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀའ་ཤག་གི་དགོངས་ཚུལ།


སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ།

དེ་རིང་སྤྱི་ཟླ་ ༣ ཚེས་ ༡༩ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༢ པའི་ ཚོགས་ཐུན། ༢ པའི་ཐོག་ཡིག་ཆ་ཨང་ ༨ པ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་། ཡིག་ཆ་ཨང་ ༣ བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་སྐབས་སྤྱི་འཐུས་ཁག་ཅིག་གི་དགོངས་ཚུལ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་གནང་བའི་ནང་༧གོང་ས་མཆོག་གི་མཚན་གནས་དང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གི་སྐོར་གྲོས་ཚོགས་ནང་གླེང་སློང་བྱ་ཆོག་གི་མེད་པ་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྐབས་བོད་ཀྱི་ཐབས་རྩོད་ཀྱི་ལངས་ཕྱོགས་ཀྱི་ཐད་ལ་བགྲོ་གླེང་གནང་བ་ཡིན་ན་འདིས་བོད་དང་རྒྱལ་སྤྱིའི་ནང་བརྡ་ལན་ཡག་པོ་ཞིག་སྤྲད་ཐུབ་ཀྱི་མེད་པ། དེ་བཞིན་བོད་ནང་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག མི་རིགས་གཅིག སྐད་ཡིག་གཅིག་ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ང་ཚོས་གདོང་ལེན་བྱེད་ཕྱོགས་ཀྱི་སྐོར་ལ་གོ་བསྡུར་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལ་གསུང་གནང་སོང་།

གཞན་ཡང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་བསྒྲུབས་པའི་རྗེས་སུ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོག་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གསུང་བཤད་གནང་བའི་ཐོག་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་བའི་དོན་གནས་ཁག་ལ་ལེན་འདེབས་གནང་ཡོད་པ་དང་ཕྱོགས་མཚུངས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་འབྲེལ་བའི་དོ་འདྲི་ཁག་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལེན་འདེབས་གནང་ཡོད་པ་རེད་ལ་སང་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། སྔོན་རྩིས་གཏན་འབེབས་གནང་རྒྱུ་སོགས་ཡིན་པ་རེད་འདུག

གླེང་སྟེགས།

XS
SM
MD
LG