པུར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ནས་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་ལོ་༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་དང་སྦྲགས། རིན་པོ་ཆེ་མཆོག་བསྟན་པ་དང་འགྲོ་བའི་སླད་དུ་སྐུ་ཚེ་ཡུན་རིང་འཚོ་བཞུགས་ཡོང་བའི་བརྟན་བཞུགས་བསྟར་འབུལ་ཞུས་བ།
༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་འདིའི་ནང་བོད་ཡིག་དང་སེམས་འཚོར། བཟང་སྤྱོད་སོགས་གོང་འཕེལ་གཏོང་ཕྱོགས་ཀྱི་བསླབ་གཞི་ཡོད་པའི་སློབ་གྲྭ་ཞིག་མན་ཎི་སོ་ཌ་ནང་ཆེད་འཛུགས་བྱེད་གཏན་འཁེལ་ཡོད་པའི་འབྲེལ་ཡོད་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ངག་དབང་སྒྲོལ་དཀར་ལགས་ལ་བཅའ་འདྲི་ཞུས་པ་དེ་གསན་རོགས་གནང་།
ཕྱི་ཟླ་༤ཚེས་༢༥ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་བལྟམས་ནས་དགུང་གྲངས་༣༥ ཧྲིལ་པོ་འཁོར་བའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པའི་སྐོར།
པུར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ནས་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་ལོ་༨༠ལ་ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་དང་སྦྲགས། རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༤ ཚེས་༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་ཐོག་གི་སྐུ་མགྲོན་ཨེ་སི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ཡོད་པ་རེད།
ཀུན་གཟིགས་པཎ་ཆེན་མཆོག་འདི་ལོ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་དེ་སྤྱི་ཟླ་༤ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམས་གཙོས་པའི་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་འཐུས་མི་སོགས་ལྷན་འཛོམས་ཐོག་གཞུང་འབྲེལ་སྲུང་བརྩི་ཞུས།
༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་རེའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་སྔ་ལོ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ཐེར་འདོན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
སྤྱི་ཟླ་༤ པའི་ཚེས་༢༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་ནས་འདས་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཟུར་བཀོད་སྙན་ཐོ་ཞིག་བཏོན་གནང་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དེ་བཞིན་ཉིན་གྲངས་དྲུག་རིང་འཚོགས་གནང་སྟེ། ཕྱི་ཟླ ༤ ཚེས་ ༢༤ ཚོགས་འདུ་ཉིན་མཐའ་མའི་ཐོག་སྐབས་ ༡༤ པའི་རྒྱུན་ལས་གསར་འདེམས་ཐོག་ནས། དེ་སྔའི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་སྐབས་འདིའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་།
༡༩༦༠ ཟླ་ ༣ ཚེས་ ༣ ཉིན་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་གིས་བསྩལ་པའི་བཀའ་སློབ་ནས་ཟུར་འདོན་ཞུས་པ་དེ་སྙན་སྒྲོན་ཞུ་རྒྱུ་ཡིན།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༥ལ་ཕེབས་པའི་འཁྲུངས་སྐར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀིན་མཆོག་གིས་བོད་དོན་སྐོར་གླེང་མོལ་གནང་དགོས་པའི་རེ་འདུན་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པའི་སྐོར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཞོ་སྟོན་ཐེངས་ ༢༧ ཐོག་བཅར་བའི་ལྷ་མོ་ཚོགས་པ་ཁག་ཅིག་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༤ པའི་ཚོགས་བཅར་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་ ༤ ཚེས་ ༢༢ ཉིན་མགོན་པོ་མཆོག་གིས་ཁོང་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།