ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

བོད་དོན་རྒྱབ་སྐྱོར་ཐོབ་ཆེད་ཆབ་སྲིད་ཚོགས་པ་ཚང་མར་འབྲེལ་བ་བྱ་གལ་ཆེ་བ།


སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༤ པའི་ཚོགས་ཐུན་གཉིས་པའི་ཐོག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༤ པའི་ཚོགས་ཐུན་གཉིས་པའི་ཐོག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༤ པའི་ཚོགས་ཐུན་གཉིས་པ་དེ་རིང་སྤྱི་ཟླ་ ༣ ཚེས་ ༢༡ ཉིན་མུ་མཐུད་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། གཏན་འབེབས་གནང་བཞིན་པའི་སྐབས་སྐུ་ཚབ་དོན་གཅོད་ཁག་གི་རྒྱུན་གྲོན་གཏང་ཕྱོགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐད་ལ་སྤྱི་འཐུས་ཁག་ཅིག་གིས་དོགས་འདྲི་གནང་བའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་དག་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་གསུང་གནང་བ་དང་སྦྲགས། བོད་མི་ཚོས་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཆེད་ཆབ་སྲིད་ཚོགས་པ་ཚང་མར་འབྲེལ་བ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུང་གནང་སོང་།

གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་དེ་བཞིན་སྤྱི་ཟླ་ ༣ ཚེས་ ༡༨ ཉིན་འགོ་བཙུགས་ནས་བཟུང་ད་བར་བཀའ་དྲུང་ཡིག་ཚང་དང་། ཚོགས་དྲུང་ལས་ཁུངས། ཁྲིམས་ཞིབ་ཁང་། དེ་བཞིན་བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་བཞིན་ཡོད་ཅིང་། ལས་ཁུངས་གཞན་ཁག་གི་སྔོན་རྩིས་ཐོག་མུ་མཐུད་ནས་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུ་ཡིན་པ་རེད་འདུག

གླེང་སྟེགས།

XS
SM
MD
LG