ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན།


ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༧ པའི་ཚོགས་ཐུན་དང་པོའི་སྐབས་ཡིག་ཆ་ཨང་ ༡༥ ཁྲིམས་བཟོ་ལས་དོན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དེ་སྤྱི་ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་སོང་ལ་འདི་གའི་གསར་འགོད་པས་ཚོགས་ཆུང་གི་ལས་བསྡོམས་ཀྱི་ནང་དོན་དང་དེའི་གལ་གནད་སྐོར་བཅར་འདྲི་ཞུས་པར་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ད་ལྟའི་ཆར་མི་མང་དང་མཛད་གཙོ་རྣམ་པ་སོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཐོག་དགོངས་འཆར་ཕེབས་པ་རྣམས་ལ་ཚོགས་ཆུང་གི་ངོས་ནས་དང་ལེན་གནང་ཐུབ་མེད་པ་དང་། དེའི་རྒྱུ་མཚན་ཡང་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུ་གལ་འགངས་ཆེན་པོ་ཡིན་པས་དེའི་སྐོར་ལ་ཡིན་པ་གསུང་གནང་སོང་།།

དེ་བཞིན་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་ཆོས་དོན་ཚན་རེ་གསུམ་པའི་ག་པའི་ནང་ཁྲིམས་ཞིབ་པ་ཆེ་བའི་འོས་མིར་ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་འཁོད་པ་ཡོད་པར་བརྟེན། གོང་གི་དུས་ཡུན་དེ་རྫོགས་ཟིན་པས་དེར་བསྐྱར་བཅོས་གནང་དགོས་ཀྱི་ཡོད་ཀྱང་གནང་མ་ཐུབ་པར་ལྷག་སོང་ཙང་ད་ལྟ་བར་དུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་གཞན་བསྐོ་གཞག་གནང་ཐུབ་མེད་པ་རེད། དེ་ནས་ད་རེས་ཚོགས་ཆུང་གི་བསྐྱར་བཅོས་འཆར་ཟིན་ནང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་བཞི་བཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས་བཅས་འཁོད་གནང་འདུག

གཞན་ཡང་ཚོགས་ཆུང་གིས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཡིག་ཆ་ཨང་ ༡༦ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དང་། ཡིག་ཆ་ཨང་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༡༨ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༡༩ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༢༠ བཙན་བྱོལ་བོད་མིའི་རྩིས་ཞིབ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༢༡ བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཕོགས་ཐོབ་དང་ཟུར་ཕོགས་ལས་དོན་ཕོགས་ཐོབ་ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་༢༢ བོད་མི་མང་སྤྱི་འཐུས་རྣམསཀྱི་མཚན་མཐོང་དོད་དང་། ཉིན་རེའི་ལས་དོད་ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། ཡིག་ཆ་ཨང་ ༢༣ བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་ཟུར་ཕོགས་ལས་དོན་ཕོགས་ཐོབ་ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། དེ་བཞིན་ཡིག་ཆ་ཨང་ ༢༤ བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི་བསྐྱར་བཅོས་ཁྲིམས་འཆར་བཅས་ཀྱི་ཐད་ལ་སྤྱི་འཐུས་རྣམ་པས་རིམ་པས་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུ་སོགས་ཡིན་པ་རེད་འདུག

གླེང་སྟེགས།

XS
SM
MD
LG